ཚོགསཔའི་སློབ་གྲྭ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས།

དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ནང་ཞུགས་པའི་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དཔའ་བོ་དཔའ་མོ་ཚོའི་ན་གཞོན་གྱི་དུས་ཚོད་དེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཁྲོད་ཟད་སོང་བར་བརྟེན། ཤེས་ཡོན་སློབ་སྦྱོང་བྱ་རྒྱུའི་དུས་ཚོད་ཧ་ལམ་མ་བྱུང་བ་དང་། དུས་རབས་འདི་ནི་ཤེས་ཡོན་སློབ་སྦྱོང་གི་ནུས་པ་འགྲན་པའི་དུས་ཚོད་ཅིག་ལ་བསྐྱོད་ཟིན་པ་སོགས་ལ་བརྟེན་སྐྱབས་བཅོལ་དུ་འབྱོར་དང་འབྱོར་བཞིན་པའི་རྒྱལ་གཅེས་པ་དེ་དག་གི་ཤེས་ཡོན་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་དམིགས་ནས། གློག་ཀླད་ཤེས་བྱ་དང་། བོད་ཀྱི་སྐད་ཡིག དབྱིན་ཇིའི་སྐད་ཡིག་བཅས་ཀྱི་ཐོག་གཙོ་བོར་སློབ་གཉེར་བྱེད་རྒྱུའི་སློབ་གྲྭ་ཞིག་ཐོག་མར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་མཐུན་འགྱུར་རོགས་རམ་འོག་ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༤ ཚེས་ ༡༠ ཉིན་དབུ་བཙུགས་གནང་བ་ནས་རིམ་བཞིན་རྒྱ་བསྐྱེད་ཀྱིས་འདི་ལོ་བར་སློབ་མ་ ༡༩༠ ལྷག་ལ་གོང་གསལ་སློབ་ཚན་ཁག་གསུམ་གྱི་ཐོག་སྦྱོང་བདར་སྤྲད་ཡོད་ཅིང་། དེ་དག་ཁྲོད་ནས་ཁག་ཅིག་ཚོགས་པ་སྒྲིག་འཛུགས་ཀྱི་ནང་སྲིད་ཞུ་སྒྲུབ་མུས་སུ་ཡོད་པ་དང་། ཕལ་ཆེར་ཞིག་ལ་རང་ཁ་རང་གསོ་ཐུབ་ཐབས་ལའང་དགེ་ཕན་གང་ཙམ་ཐོན་ཡོད།

དམིགས་བསལ་ཛ་དྲག་ཚོགས་འདུ།

ཕྱི་ལོ་ ༢༠༡༤ ཟླ་ ཚེས་ ༤ ཚེས་ ༡༩ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་དྲུག་པའི་གཏན་འཇགས་རྒྱུན་ལས་དང་ཕྱོགས་བཞུགས་རྒྱུན་ལས་རྣམས་ཚང་འཛོམས་ཀྱིས་ད་ལྟའི་ཚོགས་པའི་གནས་བབ་དང་མ་འོངས་པའི་མདུན་ལམ་སྐོར་ལ་གྲོས་བསྡུར་རིམ་པར་བྱས་ཏེ་ཕྱི་ཟླ་ ༥ ཚེས་ ༢༤ དང་ ༢༥ ཉིན་སོ་སོར་དམིགས་བསལ་ཛ་དྲག་ཚོགས་འདུ་ཞིག་བསྐོང་དགོས་པ་མང་མོས་བྱུང་ཡོད་པས། འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་འཐབ་གྲོགས་ཚོགས་མི་རྣམ་པ་དུས་ཐོག་ཏུ་ཕེབས་ཐུབ་པའི་རེ་འདུན་ནན་གྱིས་ཞུ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་གྱི་ལས་འགུལ།

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་དྲུང་ཆེ་རྨེའུ་དཀོན་རྒྱམ་དང་སློབ་སྤྱི་རྒྱལ་མཚན། རྩིས་པ་བསྟན་འཛིན་ཆོས་དར་བཅས་ཞོགས་ཀ་སྔ་བོ་སོང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་དང་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༢༤ འཁོར་བའི་དུས་དྲན་བསྟུན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་འཚོགས་གསུམ་གྱིས་གོ་སྒྲིག་བྱས་ཏེ་གཙུག་ལག་ཁང་གི་ཉེ་འཁྲས་སུ་ཞི་བདེའི་ཤོག་བྱང་ཆིག་སྟོང་ལྷག་བཟོས་ནས་མི་མང་ལ་རང་དབང་གི་འབོད་སྐུལ་དང་རེ་བ། བསམ་ཚུལ་བཅས་ཡི་གེ་འབྲི་རུ་བཅུགས་པ་སོགས་ཀྱི་ལས་འགུལ་སྤེལ་ཞིང་། སྐབས་དེར་ཚོགས་པ་གསུམ་གྱི་གསར་འགོད་བསྒྲགས་གཏམ་གསར་འགོད་པ་ཚོར་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་ཞུས།

ཚོགས་འདུ་རྒྱས་འཛོམས།

ཕྱི་ལོ་ ༢༠༡༤ ཟླ་ ༠༢ ཚེས་ ༨ ཉིན་གྱི་ཞོགས་པའི་དུས་ཚོད་ ༩ ཐོག་རྒྱུན་བཞུགས་རྒྱུན་ལས་དང་ཕྱོགས་བཞུགས་རྒྱུན་ལས་རྣམས་ཀྱི་ཚོགས་འདུ་རྒྱས་འཛོམས་བྱས་ཏེ་ཚོགས་གཙོ་པ་སངས་ཚེ་རིང་མཆོག་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་རྗེས་སྐབས་དྲུག་པའི་རྒྱུན་ལས་ལས་ཐོགས་རྣམས་ཀྱི་ཟླ་བ་བཞིའི་རིང་གི་ལས་སྡོམ་སྙན་གསེང་ཞུས་པ་དང་འབྲེལ་མ་འོངས་པའི་ལས་འཆར་སྐོར་དེ་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་སྙན་སྒྲོན་ཞུས་ཤིང་།

སྐབས་དྲུག་པའི་རྒྱུན་ལས་གསར་འདེམས།

ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༩ ཉིན་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ཉིན་གསུམ་པར་ཚོགས་མི་རྣམས་ཀྱིས་འོས་འདེམས་ཀྱི་ལམ་ནས་སྐབས་དྲུག་པའི་རྒྱུན་ལས་དང་། ཚོགས་གཙོར་ས་རྭ་མཐོ་སློབ་ཀྱི་བརྡ་སྤྲོད་སློབ་དཔོན་པ་སངས་ཚེ་རིང་ལགས་འོས་འདེམས་བྱུང་བ་དང་བསྟུན།